My Blog

འཚོལ་སྨྱུག་ཚོགས་ཀྱིས་དཔེ་དེབ་དབུ་འབྱེད་མཛད་སྒོ་ལེགས་སྒྲུབ་བྱུང་བའི་གནས་ཚུལ།

དེ་རིང་ཕྱི་ལོ་༢༠༢༤ ཟླ་བ་དང་པོའི་ཚེས་པ་ཉིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རང་གི་སྐད་ཡིག་ཡར་རྒྱས་གཏོང་རྒྱུ་དང་སྐད་ཡིག་དེའི་ཐོག་ནས་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་གྱི་གོ་རྟོགས་སྤེལ་ཆེད་དོལ་པོའི་གཞོན་རྐྱེས་ཁག་ཅིག་གིས་གཙུགས་པའི་<འཚོལ་སྨྱུག་ཚོགས་> ཚོགས་པས་སྐུ་མགྲོན་གཙོ་བོ་བལ་ཡུལ་ནང་པའི་ཚོགས་གཙོ་མཁན་པོ་ཀ་མལ་བྷན་ཌཱ་རི་དབུས་པའི་མཁན་སློབ་དགེ་བའི་བཤེས་གཉེན་གང་མང་དང་། ས་གནས་དབུ་འཛིན། དོལ་པོའི་སློབ་གྲྭ་ཁག་ཉི་ཤུ་ལྷག་གི་འགན་འཛིན་བཅས་མཉམ་ཞུགས་ཐོག་འཚོལ་སྨྱུག་ཚོགས་ཀྱི་ཚོགས་མི་གཉིས་ཀྱིས་བརྩམས་པའི་བྱིས་སྒྲུང་དཔེ་དེབ་ཁག་གསུམ་དང་། དེ་བཞིན་དོལ་པོའི་བག་མ་གཏོང་ལེན་སྤྱི་བཤད་དང་གཉའ་གླུ་ཕྱོགས་བསྒྲིགས་དེབ་གཅིག  གཞན་ཡང་སྒོམ་ཆེན་ཕྲིན་ལས་ཆོས་འཕེལ་གྱི་ཡབ་དྲུང་འཚོ་པདྨ་ཆོས་འཕེལ་གྱིས་བརྩམས་པའི་<སྦྱོར་དཔེ་སྡེ་ཚན་བཞི་བ> བཅས་པར་སྐྲུན་བྱས་ནས་བལ་ཡུལ་མཆོད་རྟེན་ཉེ་འདབས་ཅིག་ན་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་གོ་འགྲིག་བྱས་ནས་དཔེ་དེབ་རྣམས་ལེགས་པར་འགྲེམས་སྤེལ་བྱུང་ཡོད་པའི་གནས་ཚུལ་བཟང་པོ་ཞིག་ཚོགས་གཙོ་པདྨ་གོས་འབྱོར་ནས་སྤེལ་འདུག།

 

 

Exit mobile version